James McGovern

Tibetan American Friends of Congressman Jim McGovern

To all Tibetan Americans residing in the United States:


As you may know, Congressman Jim McGovern, a steadfast advocate for the Tibetan cause, is running for re-election in the upcoming U.S. national elections as a Democratic Party candidate. We, the Tibetan American Friends of Congressman Jim McGovern (TAFJM), are organizing a fundraising campaign to support his efforts, and we warmly invite the public to participate and contribute generously.

Congressman McGovern has been a vocal supporter of the Tibetan cause in the U.S. House of Representatives, sponsoring significant legislation over the past 15 years that champions the rights and recognition of Tibetans globally. Most notably, he was a key sponsor of the Promoting a Resolution to the Tibet-China Dispute Act, popularly known as the Resolve Tibet Act of 2024. This Act advocates for peaceful dialogue without preconditions between the Chinese government and Tibetan representatives while also addressing disinformation about Tibet’s historical sovereignty.

We urge Tibetans living in the U.S. to recognize the importance of this moment and contribute as generously as possible.


Thank you,

Tibetan American Friends of Congressman Jim McGovern (TAFJM)


༄༅། །ཨ་རིར་གནས་སྡོད་རང་རིགས་བོད་མི་རྩམ་ཟན་པ་ཡོངས་ལ་ཞུ་རྒྱུར། འདི་ལོའི་བསླེབ་ལ་ཉེ་བའི་ཨ་རིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་ཤ་ཚ་དང་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷ་ཝན་ (Jim McGovern) མཆོག་སླར་ཡང་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མིའི་འོས་མིར་བཞེངས་རྒྱུ་རེད་འདུག་པས། གྲོས་ཚོགས་འཐུས་མི་ཇིམ་མེག་གྷ་ཝན་གྱི་གྲོགས་པོ་བོད་མི་ཨ་རི་བའི་(Tibetan American Friends of Congressman Jim McGovern) ངོས་ནས་སྐུ་ཞབས་ཁོང་གི་འོས་བསྡུའི་དྲིལ་བསྒྲགས་དང་ལས་དོན་ཁག་ལ་རྒྱབ་སྐྱོར་མཚོན་ཆེད་དཔལ་འབྱོར་འདུ་འགོད་ཀྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པས། ཨ་རིར་གནས་སྡོད་བོད་མི་ཡོངས་ནས་ལས་འགུལ་འདིའི་ནང་ཆ་ཤས་བླང་པའི་སྒོ་ནས་རྒྱབ་སྐྱོར་གང་མང་ཡོང་བའི་རེ་བ་ཡོད།

སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་ནི་ཡུན་རིང་ནས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རིན་ཐང་རྣམས་སྲུང་སྐྱོབ་སླད་ཐུགས་ཁུར་ཆེ་བཞེས་གནང་མཁན་དང་རིན་ཐང་དེ་དག་སླར་གསོ་ཡོང་ཐབས་སུ་གླེང་སློང་ཤུགས་ཆེ་གནང་མཁན་གྱི་རླབས་ཆེན་མི་སྣ་ཞིག་ཡིན་ལ། ལྷག་པར་དུ་ང་རང་ཚོ་བོད་མི་རྣམས་ལ་མཚོན་ན། ཁོང་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་གུས་ཤུགས་ཆེན་ཞུ་མཁན་དང་བོད་དང་བོད་མིའི་བདེན་དོན་འཐབ་རྩོད་ལ་ལོ་མང་རིང་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཀྱང་ཡིན། དེ་མ་ཟད་འདི་ལོར་ཨ་རིའི་སྲིད་གཞུང་ནས་གཏན་འབེབས་གནང་བའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་འདི་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ངོ་སྤྲོད་དང་རྒྱབ་སྐྱོར་གནང་མཁན་གཙོ་བོ་གཅིག་ཀྱང་སྐུ་ཞབས་ཁོང་ཆགས་ཡོད།

གྲོས་ཚོགས་འཐུས་མི་ཇིམ་མེག་གྷ་ཝན་གྱི་གྲོགས་པོ་བོད་མི་ཨ་རི་བའི་(Tibetan American Friends of Congressman Jim McGovern) ངོས་ནས་ཨ་རིར་གནས་སྡོད་བོད་མི་མང་ཚོགས་ཀྱིས་དུས་སྐབས་འདི་གལ་འགངས་ཆེན་པོར་ངོས་འཛིན་བྱེད་སྒོ་ནས་ཁོང་གི་འོས་བསྡུ་དང་ལས་འགུལ་ཁག་ལ་རྒྱབ་སྐྱོར་ཡོང་ཆེད་ཞལ་འདེབས་གང་མང་གནང་ཐུབ་པའི་འབོད་སྐུལ་ཞུ་བཞིན་ཡོད།

ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༡༨ ཉིན།


Contribution rules

  1. I am a U.S. citizen or lawfully admitted permanent resident (i.e., green card holder).
  2. This contribution is made from my own funds, and funds are not being provided to me by another person or entity for the purpose of making this contribution.
  3. I am at least eighteen years old.
  4. I am not a federal contractor.
  5. I am making this contribution with my own personal credit card and not with a corporate or business credit card or a card issued to another person.

Americans living abroad may only contribute through ActBlue while physically in the United States. By proceeding with this transaction, you agree to ActBlue's terms & conditions.